查看原文
其他

ཨུ་རུ་སུ་རུ་ཡོད་པའི་ནང་པའི་བསྟན་པའི་གྲྭ་ཚང་།

CHARU迦入 CHARU 2022-09-30
汉语版
点击图片阅读

俄罗斯境内的藏传佛教:伊蒂吉洛夫和伊沃尔金斯克

















དབྱངས་ཅན་གྲྭ་ཚང་གི་ལྷ་ཁང་།
འདྲ་པར་ཡོང་ཁུངས། orange-traveler


 文:56 Parallel: Russian
Travel Specialist
编译:普桑加
图片来源:http://drugoi.livejournal.com
/3760721.html.
https://orange-traveler.com
/en/reportazh/ivolginsky-datsan/
原文链接:https://www.56thparallel.com
/ivolginsky-datsan/


དབྱངས་ཅན་གྲྭ་ཚང་གི་ལྷ་ཁང་།

དབྱངས་ཅན་གྲྭ་ཚང་ནི་(Ivolginsky datsan )
ལྷ་ཁང་བདུན་དང་ནང་བསྟན་སློབ་གྲྭ། གྲྭ་ཤག 
ནང་བསྟན་སྒྱུ་རྩལ་གྱི་དངོས་མང་བཤམས་སྟོན་ཁང་། 
མགྲོན་ཁང་གཅིག་བཅས་ལས་གྲུབ་པ་ཞིག་ཡིན། 
གྲྭ་ཚང་གི་བཀོད་པ་ཧྲིལ་བོས་སྤྱི་ཆིང་གསུམ་བཟུང་ཡོད་པ་དང་
འདིའི་ནང་དུ་ཨུ་རུ་སུའི་ནང་པའི་བསྟན་པ་སྤེལ་མཁན་གཙོ་བོ་
མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་གི་གཟིམ་ཁང་གི་བཀོད་པའང་འདུས་ཡོད།

དབྱངས་ཅན་གྲྭ་ཚང་གི་ལྷ་ཁང་།

དབྱངས་ཅན་གྲྭ་ཚང་ནི་པས་ཁར་མཚོའི་མཐའ་འཁོར་གྱི་
རི་འདབས་སུ་ཆགས་ཡོད། 
ཐང་སྟོང་ནས་གྲྭ་ཚང་གི་ཁང་ཀླད་དང་
ཁ་དོག་སྣ་ལྔའི་མཆོད་རྟེན་སོགས་ལ་བལྟས་ན་
གྲྭ་ཚང་གི་བཀོད་པ་མཛེས་སྡུག་ཡིད་དུ་འོངས་པ་ཞིག་རེད། 
དགུན་ཁ་སླེབས་པ་ན། གྲྭ་ཚང་གི་བཀོད་པ་
སྔར་ལས་བརྗིད་ཆགས་ཤིང་ཉམས་ལྡན་པ་དང་། 
ཚོན་མདངས་སྣ་ཚོགས་ལྡན་པའི་གྲྭ་ཚང་གི་བཀོད་པ་
དུང་ལྟར་དཀར་བའི་ཁ་བས་གཡོགས་པའི་རི་རྒྱུད་ཀྱི་འཁྲིས་ལ་འབྱར་འདུག

 ©Photo by Rustem Adaganov

དབྱངས་ཅན་གྲྭ་ཚང་ནི་
ཨུ་རུ་སུའི་ནང་པའི་བསྟན་པའི་ལྟེ་གནས་གཙོ་བོ་ཡིན།
དགོན་པའི་བརྗིད་ཆགས་ཤིང་ཉམས་དགའ་བའི་བཀོད་པ་ལས་གཞན་
མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་གི་སྐུ་གདུང་ཡང་གནས་འདི་རུ་ཡོད།

མཁན་པོ་བཀྲ་ཤིས་རྡོ་རྗེ། 
©the siberian times

མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་ནི་༡༨༥༢ལོར་སྐུ་འཁྲུངས་ཤིང་། 
དགུང་ལོ་༡༦ནས་བཟུང་འབུར་ཡ་ཏའི་ནང་བསྟན་སློབ་གླིང་ཞིག་ནས་
གསོ་རིག་དང་མཚན་ཉིད་རིག་པའི་སྐོར་ལ་སློབ་གཉེར་གནང་། 
ཁོང་གི་སློབ་གཉེར་བྱས་པའི་ནང་བསྟན་རིག་པའི་ཤེས་བྱ་དང་
འགྱུར་བ་མེད་པའི་དད་མོས་སོགས་ཀྱིས་ཁོས་ཧུར་བརྩོན་གྱིས་
ནང་པའི་བསྟན་པ་ལ་ཞིབ་འཇུག་བྱེད་པར་སྐུལ་འདེད་བྱས་ཡོད་པར་མ་ཟད། 
ཁོ་རང་ཨུ་རུ་སུའི་ནང་པའི་བསྟན་པ་སྤེལ་མཁན་གཙོ་བོར་གྱུར།

 ©Photo by Rustem Adaganov

 
མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་ཨུ་རུ་སུའི་མིའི་རྒྱུན་དུ་
ནང་པའི་བསྟན་པ་སླར་གསོ་བྱེད་མཁན་ལ་བརྩི་བཞིན་ཡོད། 
ཁོང་གིས་ཐོག་མར་ཧྲེང་པི་ཏེ་པའོ་རུ་
ནང་པའི་བསྟན་པའི་དགོན་པ་བཞེངས།
འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་སྐབས་སུ། 
མཁན་པོ་མཆོག་གིས་མིང་ལ་པུའུ་ལི་ཡ་ཐེ་སྤུན་ཟླ་ཟེར་བའི་ཚོགས་པ་ཞིག་བཙུགས་ལ། 
ཚོགས་པ་འདིས་བྱ་བ་གཙོ་བོ་ནི་དམག་མིའི་ཟ་མ་དང་སྨན་བཅོས།
ཡོང་འབབ་དང་གྱོན་པ་སོགས་ཇེ་ལེགས་སུ་བཏང་བ་བརྒྱུད་ནས་
དམག་དཔུང་གི་སྒྲིག་སྦྱོར་སོགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་ཞིག་ཡིན། 
དུས་སྐབས་འདིའི་རིང་ལ་མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་གིས་
རྨས་མར་སྲོག་སྐྱོབ་སྨན་བཅོས་དང་། 
སྨན་ཁང་བཙུགས་པའི་རྐྱེན་གྱིས་ཁོང་ལ་ཧྲེང་ཨན་ན་བྱ་དགའ་ཐོབ།

 ©Photo by Rustem Adaganov
 
མཁན་པོ་མཆོག་དགུང་ལོ་༧༥སྟེང་དགོངས་པ་རྫོགས།
ཁོས་དད་ལྡན་མང་ཚོགས་ལ་
ཁོ་རང་མི་འགྱངས་བར་དགོངས་པ་རྫོགས་པའི་
གནས་ཚུལ་བཤད་པ་དང་།
ཁོས་གྲྭ་པ་གཞན་དག་ཀྱང་གདན་འདྲེན་ཞུས་ནས་
ཁོ་དང་མཉམ་དུ་དཀྱིལ་ཀྲུང་དུ་བཞུགས་སུ་བཅུག 
མཐར་ཁོ་རང་ཁྲི་ཐོག་ཏུ་བཞུགས་ཏེ
ཏིང་ངེ་འཛིན་དུ་བཞུགས་ནས་དགོངས་པ་རྫོགས།

 ©Photo by Rustem Adaganov

མཁན་པོ་མཆོག་གི་ཞལ་ལུང་ལྟར་
ཁོའི་སྐུ་གདུང་ཤིང་སྒམ་ནང་དུ་བཞག་ནས་
ཉར་ཚགས་དང་དུར་འཇུག་བྱས།
 ཁོས་ད་དུང་གྲྭ་པ་རྣམས་ལ་ལོ་འགའི་རྗེས་ནས་
ཡང་བསྐྱར་ཕྱིར་ལེན་དགོས་པའི་རེ་བ་བཏོན། 
མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་གི་སྐུ་གདུང་
༡༩༥༥ལོ་དང་༡༩༧༣ལོར་འཛམ་གླིང་དུ་ཡང་བསྐྱར་མངོན། 
ཁོང་གི་སྐུ་གདུང་ཐེངས་གཉིས་ལ་མཐོང་ཡང་
སྔར་བཞིན་ཏིང་ངེ་འཛིན་དུ་བཞུགས་ནས་མི་ཚང་མ་ཧ་ལས་སུ་བཅུག

གཡས་གཡོན་དུ་དེད་ན་པར་མང་པོ་མཐོང་ཐུབ།མཁན་པོའི་སྐུ་འདྲ་དང་སྐུ་གདུང་། 

མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་དགོངས་པ་རྫོགས་ནས་
ལོ་ངོ་༧༥འགོར་རྗེས་ཀྱི་༢༠༠༢ལོར་མི་རྣམས་ཀྱིས་སྔར་བཞིན་
དབྱངས་ཅན་གྲྭ་ཚང་ནས་ནས་མཁན་པོའི་སྐུ་གདུང་ལ་མཆོད་མཇལ་བྱེད་ཐུབ་ལ། 
མཁན་པོ་མཆོག་གི་སྐུ་གདུང་ལ་རུལ་འགོག་བྱེད་ཐབས་བེད་སྤྱོད་བྱས་རྗེས་
སྐུ་གདུང་ཆ་ཚང་བའི་ངང་ནས་ཉར་ཚགས་བྱེད་ཐུབ་སོང་བ་དང་། 
ཚན་རིག་པ་དག་གིས་ཀྱང་འདི་ལ་བསམ་བློ་གཏོང་དཀའ་བའི་གནས་སུ་ལྷུང་ནས་
བརྡར་ཤ་གཅོད་མ་ཐུབ་པའི་རྐྱེན་གྱིས་
གནས་མཇལ་པ་ཁྲི་སྟོང་མང་པོའང་མཆོད་མཇལ་དུ་ཡོང་བཞིན་འདུག

 ©Photo by Rustem Adaganov

༢༠༠༤ལོར་རྒྱལ་ཕྲན་མཉམ་འབྲེལ་ལྟེ་གནས་ཀྱི་ཁྲིམས་དཔྱད་སྨན་པས་
སྐུ་གདུང་གི་དབུ་སྐྲ་དང་སེན་མོ། སྐྱི་པགས་སོགས་ལ་
དབྱེ་ཞིབ་བྱས་པ་བརྒྱུད། 
མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་གི་སྐུ་གདུང་གི་གྲུབ་ཆ་དང་
ཁོ་རང་དགོངས་པ་རྫོགས་པའི་དུས་ཚོད་༣༦རིང་གི་
བེམ་པོའི་གྲུབ་ཆ་ཧ་ཅང་འདྲ་བའི་སྡོམ་ཚིག་ཐོབ། 
མཐོང་དཀོན་པའི་སྣང་ཚུལ་འདིའི་རིགས་ཀྱི་ཁྲོད་དུ་
ནང་པའི་བསྟན་པའི་དད་མོས་ཀྱི་རྗེས་ཤུལ་
བཞག་ཡོད་པའི་རྐྱེན་གྱིས་གྲྭ་པ་མང་པོ་དང་
ནང་པའི་བསྟན་པའི་རྗེས་འཇུག་པ་རྣམས་ཀྱི་
བསམ་པའི་དད་མོས་སྔར་ལས་གཏན་འཇགས་སུ་གྱུར།

མཁན་པོ་བཀྲ་ཤིས་རྡོ་རྗེ།

དབྱངས་ཅན་གྲྭ་ཚང་གི་ནང་པའི་བསྟན་པའི་རྗེས་འཇུག་པ་རྣམས་ཀྱིས་
མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་གི་སྐུ་གདུང་ལ་མཆོད་མཇལ་བྱེད་དུས་
མིའི་སེམས་ཁམས་གསོ་བར་བྱེད་པའི་ནུས་པ་
ངེས་ཅན་ཞིག་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད། 
ལོ་གཅིག་གི་ནང་དུ་གནས་མཇལ་པ་རྣམས་ལ་ཉིན་བདུན་གྱི་ནང་དུ་
མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་གི་སྐུ་གདུང་ལ་མཇལ་བའི་གོ་སྐབས་ཡོད་ལ། 
འོན་ཀྱང་འདིས་གནས་མཇལ་བ་རྣམས་ཀྱི་
རྣམ་དག་གི་དད་པའི་སེམས་བསྐྱེད་ཐུབ་ཀྱིན་མེད་པ་དང་། 
རྒྱུ་མཚན་དབྱངས་ཅན་གྲྭ་ཚང་ནི་བརྗིད་ཆགས་ཤིང་ཉམས་དགའ་བའི་ཡུལ་ལྗོངས་ཤིག་ཡིན།

©Photo by Rustem Adaganov
 

དབྱངས་ཅན་གྲྭ་ཚང་གི་བཀོད་པ་རྒྱ་ཆེ་ཞིང་
བརྗིད་ཆགས་ཤིང་ཉམས་དགའ་བའི་
ལྗང་མདོག་གི་རི་ལུང་ཞིག་དུ་ཆགས་ཡོད་ལ།
མིས་བློ་རྩེ་གཅིག་སྒྲིམ་གྱིས་བྲིས་པ་དང་འདྲ་བའི་
སྟག་དབྱིབས་རི་མོས་གྲྭ་ཚང་གི་མཐའ་རུ་བསྐོར་ནས་
སྲུང་སྐྱོབ་བྱས་ཡོད་པ་དང་འདྲ། 
གྲྭ་ཚང་ནང་དུ་ཕུན་སུམ་ཚོགས་པའི་ལྡེབས་རིས་དང་
སྐུ་འདྲ་སྣ་ཚོགས་ཡོད་པས་ནང་པའི་བསྟན་པ་ལ་སློབ་གཉེར་བྱེད་སའི་
གནས་འགངས་ཆེན་ཞིག་ཏུ་གྱུར།


©Photo by Rustem Adaganov

བཞུགས་ཁྲི་སྟེང་གི་མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་གི་སྐུ་གདུང་གིས་
ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གནས་མཇལ་བ་རྣམས་ལ་
མིའི་སེམས་ཁམས་གསོ་བར་བྱེད་པའི་ནུས་པ་དང་མངོན་རྟོགས་ཀྱི་ནུས་ཤུགས་སྦྱིན། 
གནས་མཇལ་བ་རྣམས་སྐུ་གདུང་ལ་མཇལ་དུས་
མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་གིས་དད་པའི་ནུས་སྟོབས་
རང་གི་རྒྱུ་ལ་འབྱོར་བར་ཡིད་ཆེས་བྱེད། 
དེ་བས། གྲྭ་ཚང་འདིས་གནས་མཇལ་བ་རྣམས་ལ་
ཚོར་བ་སྣ་ཚོགས་ཤིག་སྟེར་པའི་བྱེད་ཐབས་
སྣ་མང་ཡིན་ལ་རྙོག་འཛིང་ཅན་ཞིག་ཀྱང་ཡིན་ནོ།

 ©Photo by Rustem Adaganov
 
 གྲྭ་ཚང་ཧྲིལ་བོའི་ལྷིང་འཇགས་ཀྱི་རྣམ་པ་ཞིག་མངོན་ཡོད་ལ།
བརྗིད་ཆགས་ཤིང་ཉམས་དགའ་བའི་
དགོན་པའི་ཕྱི་ཚུལ་གྱི་བཀོད་པ་དང་ནང་གི་ཆོས་ལུགས་ཀྱི་སྒྲིག་གཞི་སོགས་ཀྱི་
ཕྱོགས་སོ་སོའི་གནས་མཇལ་བ་རྣམས་མཆོད་མཇལ་དུ་ཡོང་སའི་གནས་གལ་ཆེན་ཞིག་ཏུ་གྱུར།


དབྱངས་ཅན་གྲྭ་ཚང་གིས་ལོ་ཧྲིལ་པོར་ཡུལ་སྐོར་ལྗོངས་རྒྱུའི་
སྒོ་མོ་ཕྱེ་ནས་ཕྱོགས་བཞིའི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག 
མི་སྔར་ལས་མང་པོ་ཞིག་ལ་ནང་པའི་བསྟན་པའི་ལོ་རྒྱུས་དང་དད་མོས། 
མཉམ་གཞག་གི་ངོ་བོ་དང་ས་གནས་དེ་གའི་
གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་ལྗོངས་རྒྱུ་དག་གཞན་ལ་ཤེས་སུ་བཅུག
 
 

编译

普桑加  
迦入藏文编辑员、翻译员

出生于青海省尖扎县,从小对藏文化极为喜爱并其投入了太多的时间和精力。近几年来一直致力于对古今藏文化的研究和探索,对这一领域有了一定的理解和掌握,将来也会不断地探究与学习藏文化,会在此领域开拓出一片天地,为藏文化尽自己的微薄之力。现阶段研究生考试预备中。
学习交流微信:purSung-Kyap 
微博:PhurSungKyap


往期文章
可点击图片阅读
བོད་ཡུལ་དུ་ཐོག་མར་སླེབས་པའི་པར་རྒྱག་མཁན།
བོད་ཡུལ་དུ་ཐོག་མར་སླེབས་པའི་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ།
བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ
ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།
ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།



木茹高原苹果干
点击图片可进入小程序了解


纯手工牦牛奶雪花酥
点击图片可进入小程序了解


 
བོད་སྐད་ཀྱི་ཐད་སྦྲེལ། CHARU1607
客服微信:charuspace
未经作者允许请勿随意印刷转载 后果自负
合作及投稿微信:charuspace

您可能也对以下帖子感兴趣

文章有问题?点此查看未经处理的缓存